༢༠༡༤ གསར་མཛོད།

བླ་མར་དད་པར་སྙད་པའི་བཀོལ་ཉེས།

༄༅། །བླ་མར་དད་པའི་སྙད་པའི་བཀོལ་ཉེས་བྱ་སྤྱོད་དེང་སང་ཇི་མང་འགྲོ་བཞིན་འདུག་པ་དང་། ལྷག་པའི་གསང་ སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་པའི་ཁྲོད་ཚུལ་མིན་གྱི་སྤྱོད་ཚུལ་འདི་ཇི་མང་འགྲོ་བཞིན་འདུག ལེགས་སྦྱར་གྱི་སྐད་ནང་གུ་རུ་ ཞེས་པ་དེ་ནི་རྨོངས་མུན་སེལ་ནུས་པའི་སྐྱེས་བུ་ཞིག་ལ་གོ་རྒྱུ་ཆེན་པོ་ཡོད་ཡིན་ཅིང་། སྐྱེས་བུ་དེ་ནི་ཉམས་རྟོགས་ལྡན་ཞིང་ སྙིང་རྗེ་དང་ཤེས་རབ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་དགོས་པ་རེད། འོན་ཀྱང་དེང་སང་སྙིགས་མའི་དུས་འདིར་ང་ཚོ་གསང་ སྔགས་ཉམས་ལེན་པ་རྣམས་བླ་མར་དད་པ་བྱེད་ཕྱོགས་ཐད་མགོ་རྙོག་ཏེ་གནས་ཡོད། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ རྗེས་རང་གི་ཆོས་བརྒྱུད་དང་བླ་མའི་མཛད་པར་ཐེ་ཚོམ་བྱས་ན་རྡོ་རྗེ་དམྱལ་བར་ལྷུང་གི་རེད་ཅེས་ང་ཚོར་བསླབ་ཡོད་རེད།

གསང་སྔགས་ཀྱི་བསླབ་བྱའི་ནང་བླ་མའི་མཛད་པ་ནི་སངས་རྒྱས་ཀྱི་མཛད་པ་རེད་ཟེར་ཀྱང་དེ་ནི་བླ་མ་དེ་རྟོགས་པ་དང་ལྡན་པ་ ཞིག་ཡིན་མིན་ལ་རག་ལུས་ཡོད།ད་ནི་དུས་རབས་ཉེར་གཅིག་པ་ཡིན་པས་སློབ་མ་ཚང་མར་བརྟག་དཔྱད་བྱ་རྒྱུའི་གོ་སྐབས་ངེས་ པར་དགོས་པ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་སློབ་མ་རྣམས་ཀྱིས་རང་གི་བླ་མར་དཔྱད་པ་ཡང་ཡང་བྱེད་དགོས་ གསུངས་ཡོད་ཅིང་། རང་གི་བླ་མར་བརྟག་དཔྱད་མཐིལ་ཕྱིན་བྱས་པའི་རྗེས་གཞི་ནས་གསང་སངྔགས་ཀྱི་ལམ་ལ་ཞུགས་དགོས་ རེད།

མི་འགའ་ཞིག་གི་སེམས་པར། ཆོས་བཤད་ཕྱིན་སློབ་མ་རྣམས་ཚེ་གཅིག་ལ་སངས་རྒྱ་ཐུབ་པ་ཡིན་པས་བླ་མ་དེར་རྟོགས་པ་ཡོད་ མེད་ལ་ཁྱད་པར་དེ་ཙམ་མེད་བསམ་མཁན་ཡོད། དེ་ལ་ང་ཐེ་ཚོམ་ཡོད། དཔེར་ན། ཁྱེད་རང་ཟས་གཡོ་སྦྱོར་སྦྱོང་མཁན་གྱི་སློབ་ ཕྲུག་ཞིག་ཡིན་པ་དང་། དགེ་རྒན་དེ་རང་ཉིད་ཀྱི་ཚོང་དོན་གོང་སྤེལ་གཏོང་མཁས་པའི་སྙན་གྲགས་ཅན་གྱི་མ་བྱན་ཞིག་ཡིན་ན་ དེས་བཟོས་པའི་ཁ་ལག་དེའི་བྲོ་བ་ཁྱེད་ཀྱིས་ལྟ་མྱོང་ངམ། སྙན་གྲགས་ཅན་གྱི་མ་བྱན་དེས་ཁྱོད་ལ་རོ་བཅུད་ལྡན་པའི་ཟས་གཡོ་ སྦྱོར་བྱེད་སྟངས་ཀྱི་ལག་དེབ་སྤྲད་ཡོད་རུང་ཁོ་རང་གིས་ལག་དེབ་དེ་གཞི་བཞག་ཁ་ལག་བཟོ་མྱོང་ཡོད་དམ། ཡང་ན་ཁོའི་ཡོན་ ཏན་དེ་ཤེས་སྟོབས་ཙམ་ཞིག་ཡིན་ནམ། ཁོ་ལ་ཟས་གཡོ་སྦྱོར་གྱི་མྱོང་རྟོགས་སམ་ཉམས་མྱོང་ཡོད་མཁན་ཞིག་ཡིན་ནམ།

བླ་སློབ་གྱི་འབྲེལ་བར་མྱོང་རྟོགས་དེ་གནད་འགག་ཆེན་པོ་རེད། དེས་ན་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ གསང་སྔགས་ནང་བླ་མ་མཚན་ལྡན་དང་སློབ་མ་མཚན་ལྡན་དབར་དམ་ཚིག་གཙང་མའི་འབྲེལ་བ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་རེད། ངས་ཡང་སྐྱར་དྲན་བསྐུལ་བྱེད་རྒྱུར། ཐོག་མར་བླ་མར་བརྟག་དཔྱད་དགོས་པ་དང་ཁོང་གི་སྐུ་ཡོན་དང་། མཛད་པ། བརྒྱུད་པ་བཅས་ལ་དུས་བསྲིང་ནས་དཔྱད་དགོས། སློབ་མ་ཡིན་པའི་ཆ་ནས་གཞི་རྩའི་ཐོབ་ཐང་འདི་ངེས་པར་དགོས་པ་ཡིན། གང་ཡིན་ཟེར་ན། མཐར་ཐུག་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་བའི་ཆེད་ཆོས་ཉམས་ལེན་བྱེད་ཀྱི་ཡོད་པ་ རེད། སྙན་གྲགས་ཅན་ལ་དགའ་མོས་བྱེད་མཁན་བཞིན་མིག་བཙུམ་སྟེ་རྒྱུགས་རྒྱུ་མེད་པ་རེད། གསང་སྔགས་ཀྱི་ཆོས་སྒོར་ ཞུགས་རྒྱུ་དེ་མི་སྣ་སྙན་གྲགས་ཅན་ལ་དགའ་མོས་བྱེད་མཁན་གྱི་སྐྱིད་སྡུག་ལ་ཞུགས་པ་ལྟ་བུ་མ་རེད། དེ་བཞིན་གཞི་རྩའི་ཤེས་ སྟོབས་དང་གཞི་རྩའི་བསམ་ཤེས་བོར་ཏེ་ཁྱེད་རང་གསོལ་མཆོད་ཆོ་ག་ཞིག་ནང་ལྷུང་འདོད་མེད་པ་རེད། བླ་མ་མཚན་ལྡན་ དང་བརྒྱུད་པ་མཚན་ལྡན་གྱི་རྗེས་སུ་འཇུག་འབྲས་ལ་རང་ཉིད་ཚུལ་མཐུན་བློ་ཁ་ཡངས་ཤིང་རྒྱ་ཆེ་བ་དགོས་པ་རེད། བླ་མ་མཚན་ ལྡན་མེད་ན་བརྒྱུད་པ་མེད་པ་དང་བླ་བརྒྱུད་ལྷད་མེད་ཅིག་མེད་ན་བླ་མ་མེད་པ་རེད།

གལ་ཏེ་རང་གི་བླ་མས་ཐོག་རྩེག་ཉི་ཤུའི་སྒང་ནས་མཆོང་དགོས་གསུངས་པ་དང་རང་ཉིད་ལ་ཐེ་ཚོམ་ཡོད་ན་བླ་མའི་སྐུ་མདུན་གུས་པ་དང་བཅས་མཆོང་རྒྱུ་དེར་དགོས་པ་མིན་འདུག་པས་ང་མཆོང་གི་མིན་ཞེས་ཞུ་ཆོག་པ་རེད། དེ་ཡང་སློབ་དཔོན་རྟ་དབྱངས་ ཀྱིས་མཛད་པའི་བླ་མ་ལྔ་པའི་ཚིག་བཅད་ ༢༤ ནང་། །རིགས་པ་ཡི་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང་། ཞེས་གསུངས་ཡོད་རེད། གལ་ཏེ་བླ་མས་བཀའ་གནང་བ་ཞིག་རང་གིས་མི་ནུས་པའམ་དང་ལེན་བྱེད་མི་ཐུབ་ན་དྭོགས་གཅོད་ བཀའ་འདྲི་ཞུས་ཆོག་པ་རེད། དཔེར་ན། ང་བླ་མ་ཡིན་པའི་ཆ་ནས་ཁྱོད་ལ། ངའི་ཤག་ནང་ཡོང་དུས་ལྷམ་ཁོག་མ་འབུད་ཟེར་ ལབ་པ་ཡིན་ན། དེ་ཁྱོད་ཀྱི་འདོད་པར་མ་བབས་ན། ཁྱོད་ཀྱི་གཟིམ་ཆུང་ནང་ལྷམ་གྱོན་ནས་གང་བྱས་ཡོང་དགོས་རེད་ཟེར་ནས་ འདྲི་ཆོག་པ་རེད། གང་ཡིན་ཟེར་ན་ཁྱོད་རང་ལྷམ་ཕུད་ནས་ཡོང་རྒྱུར་དགའ་བ་དང་ང་ལྷམ་མ་གྱོན་པར་ཡོང་རྒྱུར་འདོད་པ་མེད་ པས་དེའི་རྒྱུ་མཚན་འདྲི་ཆོག་པ་དང་། ང་ལ་ཡང་རྒྱུ་མཚན་ཁུངས་ལྡན་ཞིག་ཤོད་རྒྱུ་དགོས་ཀྱི་རེད། རྒྱུ་མཚན་ཁུངས་དག་ཤོད་ རྒྱུ་ཡོད་ན་ཁྱེད་རང་ལྷམ་མ་ཕུད་པར་ཡོང་བདེ་བ་ཞིག་ཡོང་གི་རེད།

ང་བླ་མ་ཡིན་པའི་ཆ་ནས་རང་གི་སློབ་བུ་རྣམས་ལ་བརྟག་དཔྱད་དང་བསམ་བློ་གཏོང་ཁོམ་མེད་པར་ངས་ཟེར་ཚད་ཚང་མ་ཁས་ ལེན་བྱེད་དགོས་ཟེར་ན་དེ་དྲང་བདེན་མིན་ལ་རྒྱུ་མཚན་དང་བྲལ་བ་ཞིག་རེད། ང་བླ་མ་ཡིན་པའི་ཆ་ནས་ཁྱོད་ལ་དེ་རིང་ནས་ བཟུང་ངའི་ཤག་ནང་ལྷམ་གྱོན་ནས་ཡོང་དགོས་པའི་རྒྱུ་མཚན་བསམ་ཤེས་ལྡན་པ་ཞིག་དྲངས་ན་དེ་ཁྱོད་ཀྱིས་ཤེས་རྟོགས་ཡོང་གི་རེད། དེ་བར་དུ་ཁྱོད་ལ་དྲི་བ་བྱེད་པའི་ཐོབ་ཐང་ཡོད་རེད། ཁོང་ཁྲོ་མེད་པར་བླ་མས་བཀའ་དེ་འདྲ་ཞིག་གནང་བའི་རྒྱུ་མཚན་ཤེས་ དགོས་ཀྱི་རེད།

སྟོན་པའི་འཁྲུངས་རབས་ཤིག་ནང་བྲམ་ཟེ་ཞིག་གི་སློབ་མར་སྐྱེ་བ་བཞེས་པ་དང་། བླ་མ་དེས་རང་གི་སློབ་མ་ཚང་མ་རྐུན་མ་རྐུ་ བར་གཏོང་གི་ཡོད་ཅིང་། དེའི་རྒྱུ་མཚན་ནི་འཛམ་གླིང་འདི་ཚངས་པས་བསྐྲུན་པ་ཡིན་ཅིང་། ང་ཚོ་བྲམ་ཟེའམ་ཚངས་པའི་སྲས་ ཡིན་པས་རང་གི་ཕ་ལ་བཀའ་སྐོར་མེད་པར་ཁོང་གི་རྒྱུ་དངོས་རྣམས་ལེན་ན་རྐུན་མ་རྐུས་པ་མ་རེད་ཅེས་རྒྱུ་མཚན་བཀོད་པ་རེད། སྟོན་པས་བླ་མ་དེའི་བཀའ་ཁས་ལེན་མ་གནང་བར་མ་སྦྱིན་པར་ལེན་པ་ནི་ནམ་ཡང་ཆོས་དང་མཐུན་པ་ཞིག་མ་རེད་ཅེས་གསུངས་ཏེ་རྐུན་མ་རྐུས་ན་མ་འགྲིག་པ་དང་གཞན་ལ་གནོད་པ་སོགས་རྒྱུ་མཚན་མང་པོ་གསུངས་པ་རེད། ཕྱིས་སུ་སྟོན་པ་བླ་མ་དེའི་སློབ་ མ་དྲག་ཤོས་ཤིག་ལ་གྱུར་བ་རེད།།

You are here: མདུན་ངོས། གསར་གནས། ༢༠༡༤ གསར་མཛོད། བླ་མར་དད་པར་སྙད་པའི་བཀོལ་ཉེས།