༢༠༡༣ གསར་མཛོད།

ང་བདེ་པོ་ཡིན། ཁྱོད་ག་འདྲ་ཡོད་དམ།

༄༅། །ཁྱེད་ཚོ་དང་འདྲ་བར་ང་ཡང་དེང་སང་མཛད་རིམ་གཅིག་རྗེས་གཅིག་ལ་ཞུགས་རྒྱུའི་བྲེལ་བའི་ངང་ཡོད། ངས་རང་གིས་རང་ལ། གཞི་རྐང་བརྟན་པོ་དང་སོས་དལ་གྱིས། གང་ཡིན་རང་དགར་འཇོག་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད། ང་བདེ་པོ་ཡིན། ཁྱེད་ཚོ་ཡང་བདེ་པོ་ཡོད་ཤག་གི་ཚིག་ཁ་ཤས་བརྗོད་རྒྱུ་ཡིན།

བདེ་དང་མི་བདེ་ནི་སེམས་ཀྱི་གནས་སྟངས་ལ་རག་ལུས་པ་ཡིན། འུར་ཟིང་ཅན་གྱི་འཛམ་གླིང་ འདིའི་ནང་བདེ་པོར་སྡོད་པའི་གསང་ཐབས་ནི་རང་བྱུང་ཁམས་དང་འབྲེལ་རྒྱུ་དེ་རེད། ང་ཚོ་ཕྱི་ངོས་སུ་བྲེལ་བ་ཇི་ཙམ་ཡོད་ནའང་ནང་སེམས་ཀྱི་གཞི་རྐང་བརྟན་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་དགོས། བར་བར་ལ་ང་བྲེལ་ཟིང་གི་ནང་ནས་དོན་ནས་མེ་འཁོར་ནང་འགྲུལ་བཞུད་བྱེད་པའམ། ཡང་ན་འཆམ་འཆམ་འགྲོ་ཡི་ཡོད། ལྷོད་ལྷོད་བྱེད།

མེ་འཁོར་ནང་བསྐྱོད་དམ་གོམ་འགྲུལ་བྱེད་པ་གང་ཡིན་རུང་། རང་བྱུང་ཁམས་ལོངས་སུ་སྤྱོད་པ་དང་བརྩི་མཐོང་བྱེད་དགོས་ན་ང་ཚོ་གཞི་རྐང་བརྟན་པོ་དགོས་པ་ཡིན། འདིས་མི་ཚེ་དོན་སྙིང་ལྡན་པ་བཟོ་བ་དང་ཁོར་ཡུག་དང་རང་གི་མཐའ་འཁོར་དུ་ཡོད་པའི་སེམས་ཅན་གཞན་མཉམ་འབྲེལ་བ་བརྟན་པོ་བཟོ་ཐུབ་ཅིང་། བདག་འཛིན་འཕུར་སྐྱོད་མི་བྱེད་པའི་ཕན་ཐོག་ཡོད་པ་ཡིན་ལ། དེང་དུས་ཡང་ཡང་ཡོང་བཞིན་པའི་རང་བྱུང་གནོད་འཚེ་འགོག་ཐུབ་པ་ཡིན། དེ་འདྲ་སོང་ཙང་རང་བྱུང་ཁམས་དང་སྦྲེལ་བའི་གདམ་ག་དེ་འདེམ་སྒྲུག་བྱས་ན་མི་ལེགས་སམ། འདི་འདྲ་བྱས་ན་རང་བྱུང་གནོད་འཚེ་ཡང་ཉུང་དུ་འགྲོ་ཡི་རེད་ལ་མི་རབས་རྗེས་མ་རྣམས་བདེ་སྐྱིད་དོན་ལྡན་གྱི་མི་ཚེ་སྐྱེལ་ཐུབ་ཀྱི་རེད།

ངས་དུས་དུས་སུ་བྲེལ་ཟིང་གི་མི་ཚེ་སྐྱེལ་སྟངས་བར་མཚམས་འཇོག་གི་ཡོད། ཁྱེད་རང་ག་འདྲ་བྱེད་ཀྱི་ཡོད་དམ།

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། ང་བདེ་པོ་ཡིན། ཁྱོད་ག་འདྲ་ཡོད་དམ།