༢༠༡༣ གསར་མཛོད།

མི་ཚེའི་སློབ་གསོ་དང་མྱོང་འཚོར།

༄༅། །མི་མང་པོ་ཞིག་གིས་གཞོན་གཞོན་སྡོད་ཐབས་གཙོ་བོར་བྱེད་ཀྱི་ཡོད་ཅིང་། ང་ཚོ་མང་ཆེ་བ་ན་བ་དང་། རྒ་བ། འཆི་བ་བཅས་ལ་འཇིགས་ཀྱི་ཡོད། འདོད་ནའང་མ་འདོད་ནའང་མཐའ་མ་ང་ཚོ་ཚང་མ་མཇུག་སྡོམ་ཆེན་མོ་དེ་རྒྱུད་དགོས་པ་རེད། འཁོར་བའི་གནད་ལ་ཐུག་དུས་རྒྱུ་ནོར་དང་། སྟོབས་དང་། གོ་གནས། དེང་དུས་ཀྱི་བཟོ་རྩལ་སོགས་གང་གིས་ཀྱང་བཟློག་ཐབས་མེད། དུས་ཚོད་ནི་ནར་མར་འགྲོ་བ་ཡིན།

འོ་ན་མི་ཚེ་ལ་བལྟ་སྟངས་ག་འདྲ་ཞིག་འཛིན་དགོས་སམ། དུས་ཚོད་ཆུད་ཟོས་གཏོང་དགོས་སམ། རང་སྣང་གང་དྲན་བྱེད་རྒྱུར་དུས་ཚོད་སྤྱད་དགོས་སམ། ང་ཚོས་དུས་ཚོད་བེད་སྤྱོད་ག་འདྲ་བྱེད་དགོས་ཀྱི་རེད་དམ། ངས་མི་ཚེ་གང་འདྲ་ཟེར་བསྐྱལ་དགོས་མིན་བརྗོད་ཀྱི་མིན། མི་ཚང་མར་ཐོབ་ཐང་ཡོད་རེད། ང་རང་སྒེར་ངོས་ནས། ལོ་རྒས་བཞིན་མི་ཚེ་ལས་སློབ་གསོ་དང་ཉམས་མྱོང་ལེན་རྒྱུ་དེ་དུས་ཚོས་སྐྱེལ་ཐབས་ཡག་ཤོས་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

དུས་ཚོད་ནམ་ཐོབ་ལ་ངས་ཕྱི་ལ་ཕྱིན་ནས་རང་བྱུང་ཁམས་དང་། ཁ་ཟས་སོགས་མྱོང་ཐབས་བྱེད་ཅིང་། མི་འདྲ་མིན་ཐུག་འཕྲད་ཀྱིས་གྲོགས་པོ་འགྲིག་ཐབས་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ནང་ང་ཚོ་ཁེར་རྐྱང་སྡོད་ཀྱི་མེད་པ་དེ་ནི་ངོ་མཚར་ཆེ་བའི་བདེན་པ་ཞིག་རེད། ཕྱི་ལ་འབྲེལ་བ་བྱས་ཏེ་ཉམས་མྱོང་བསགས་དང་མ་གསོག་དེ་རང་ལ་རག་ལུས་པ་རེད། ཡང་ངས་ཉམས་མྱོང་ཟེར་དུས་ཐེ་བྱུས་བྱས་པ་ལ་ཟེར་གྱི་མེད། རྗེས་སུ་ཡི་རང་གི་བློས་ཉམས་མྱོང་གསོག་ཐུབ་པ་ཡིན། སྙེམ་ཆུང་བློ་སྒོ་ཡངས་པོ་བྱས་ན་ཤེས་བྱ་མང་པོ་ཐོབ་ཀྱི་རེད། གང་ཡིན་ཟེར་ན་རང་གིས་མ་ཤེས་པ་གཞན་གྱིས་ཤེས་པ་མང་པོ་ཡོང་གི་རེད། དེ་བཞིན་ང་ཚོས་ཤེས་ལ་གཞན་གྱིས་མ་ཤེས་པ་ཡང་མང་པོ་ཡོད་རེད།

ང་ཚོས་སྟོབས་དང་ཤུགས་ཀྱི་སྐོར་མང་པོ་ཤོད་ཀྱི་ཡོད་རེད། དེ་ཚོ་ནི་སྙེམ་ཆུང་བློ་སྒོ་ཡངས་པོའི་ཤེས་ཡོན་དང་ཉམས་མྱོང་ལས་བྱུང་བ་ཞིག་ཡིན། དམན་ས་མ་ཟིན་པར་ང་ཡོན་ཏན་ཆེ་ཤོས་དང་། སྟོབས་ཆེ་ཤོས། རྣམ་རིག་བཀྲ་ཤོས་ཡིན་བསམ་ན་ང་ཚོས་གང་ཤེས་པ་དེ་ལས་ལྷག་པའི་ཡར་རྒྱས་འགྲོ་གི་མ་རེད། འཛམ་གླིང་འདིའི་ནང་སེམས་ཅན་འདྲ་མིན་ཡོད་ཀྱང་། ངས་སེམས་ཅན་དེ་དག་རང་འདོད་ཅན་དང་རང་ཤེད་མེད་པའི་རིགས་གཉིས་སུ་དབྱེ་གི་ཡོད་ཅིང་རིགས་རྗེས་མ་དེས་རང་དོན་རྒྱ་ཆེ་ཤོས་འགྲུབ་ཀྱི་ཡོད།

སཱད་གུ་རུ་མཆོག་གིས་དཱ་ཡ་ན་ལིངྒ་ལོ་འཁོར་ཐེངས་ ༡༤ པ་དང་བསྟུན་ཀོ་ཡེམ་བ་ཏྲོར་དུ་ཆགས་པའི་ཁོང་གི་ཆོས་ཚོགས་སུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་ཏུ་ང་མགྲོན་འབོད་ཀྱིས་ཆེ་བསྟོད་བྱས་བྱས་བྱུང་། ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་ཐུག་འཕྲད་དང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་གནང་བར་བཀྲིན་ཆེ་ཞུ། སཱད་གུ་རུ་ཇི་མཆོག་ནས་འདི་འདྲའི་བྱེད་སྒོ་ཞིག་གོ་སྒྲིག་གནང་བ་དེ་མཛད་རྗེས་ཆེན་པོ་རེད་བསམ་གྱིས། ང་དང་ངའི་འཁོར་དགེ་འདུན་ཕོ་མོ་རྣམ་པར་མགྲོན་བསུ་སྣེ་ལེན་ཟབ་རྒྱས་བྱས་བྱུང་ཞིང་། ཨི་ཤ་ཆོས་ཚོགས་ནི་རང་ཁྱིམ་ལྟ་བུའི་ཚོར་བ་བྱུང་།

ཡང་འབྲུག་ཨ་མི་ཏ་བྷར་བཙུན་མ་རྣམས་ཡོན་ཏན་སྦྱང་བཞིན་གཞན་ཕན་གང་ཐུབ་བྱེད་བཞིན་ཡོད། ཤེས་བྱ་སྦྱང་འདོད་ཀྱི་བློ་མེད་ན་མི་ཚེར་དང་ཞེན་བརླག་གི་རེད། མི་ཚེའི་ཉམས་མྱོང་གསོག་པར་ང་ཚོས་རང་གཞན་གཉིས་ཕན་གྱི་བྱ་བ་བཟང་པོ་ཞིག་སྦྱང་དགོས་ཀྱི་རེད་བསམ་གྱིས། ངས་ལྷན་ཚོགས་དེའི་སྐབས་བློ་ཁོག་ཆེན་པོས་ཤེས་ཡོན་སྦྱང་རྒྱུ་དང་ཉམས་མྱོང་གསོག་རྒྱུ་ནི་མི་ཚེ་གང་གཙང་གི་ལས་ཀ་ཞིག་རེད་ཅེས་བརྗོད་པ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༣ གསར་མཛོད། མི་ཚེའི་སློབ་གསོ་དང་མྱོང་འཚོར།